📍 日喀则市
政策通知公告

日喀则市2024年城乡居民基本医疗 保险参保登记、缴费公告

2023/10/26 5.3k 阅读 334 点赞

市民朋友们:

日喀则市2024年城乡居民基本医疗保险参保登记、缴费工作已全面启动,现将有关事宜公告如下。

一、缴费标准

我市城乡居民基本医疗保险个人缴费标准按自治区统一要求,仍保持两个档次,调整为每人每年200元和380元两个档次。

二、缴费和待遇享受时间

集中参保登记、缴费时间为2023101日至12

25日。待遇享受期为202411日至1231日。

新参保人员持个人有效身份证件前往本人户籍所在单位或居委会进行统一参保登记后,由单位及居委会在所属医保经办部门完成登记,完成参保登记后务必对接税务部门进行缴费,可通过微信、支付宝、税务窗口等渠道进行缴费;续保人员可直接通过微信、支付宝、税务窗口等渠道进行缴费续保。

三、其他事项

1根据《西藏自治区城乡居民基本医疗保险自治区级统筹实施方案》(藏政发〔202313号)明确,建立“长缴多报机制”,参保人员在藏参加城乡居民基本医疗保险起连续不间断缴满10年及以上的,自缴满当年起住院和门诊特殊病基本医疗保险待遇在其选择的缴费档次待遇基础上提高3%

2、特困供养人员、一二级重度残疾人员、孤儿(含事实无人抚养儿童)、6065人员(女年满60周岁和男年满65周岁的人员)、自治区级先进僧尼全额由财政和医疗救助基金按最高缴费档次代缴,个人无需缴费。

特此公告!

                           日喀则市医疗保障局

2023107

གཞིས་རྩེ་གྲོང་ཁྱེར་གྱི་2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་

སྨན་བཅོསའགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་

གྲོན་དངུལ་འཇལ་བའི་སྤྱི་བསྒྲགས

གྲོང་མི་གྲོགས་པོ་རྣམ་པ་ཚོ།

གཞིས་རྩེ་གྲོང་ཁྱེར་གྱི་2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་གྲོན་དངུལ་འཇལ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཟིན་པས་ད་ཆ་འབྲེལ་ཡོད་དོན་དག་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིགགྲོན་དངུལ་འཇལ་བའི་ཚད་གཞི།

རང་རེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་དེ་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བླང་བྱ་ལྟར་སྔར་བཞིན་རིམ་པ་གཉིས་རྒྱུན་འཁྱོངས་བྱས་ནས་མི་རེར་ལོ་རེར་སྒོར་200དང་སྒོར་380རིམ་པ་གཉིས་སུ་ལེགས་སྒྲིག་བྱས་ཡོད།

གཉིས།གྲོན་དངུལ་འཇལ་བདང་ཐོབ་ཐང་ལོངས་སྤྱོད་ཀྱི་དུས་ཚོད།

གཅིག་གྱུར་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་གྲོན་དངུལ་འཇལ་བའི་དུས་ཚོད་2023ལོའི་ཟླ་10ཚེས་1ཉིན་ནས་ཟླ་12ཚེས་25ཉིན་བར་ཡིན་པ། ཐོབ་ཐང་ལོངས་སུ་སྤྱོད་ཡུན་ནི་2024ལོའི་ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན།

འགན་བཅོལ་ནང་གསར་ཞུགས་མི་སྣས་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་འཁྱེར་ཏེ་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་ཚན་པའམ་ཡང་ན་གྲོང་མིའི་ཨུ་ལྷན་དུ་གཅིག་གྱུར་ཐོག་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་བྱས་རྗེས་ཚན་པ་དང་གྲོང་མི་ཨུ་ལྷན་གྱིས་རང་ས་ཁོངས་ཀྱི་སྨན་བཅོས་འགན་སྲུང་ཅུད་དུ་ཐོ་འགོད་བྱས་ནས་འགན་བཅོལ་ནང་ཞུགས་དགོས།ཐོ་འགོད་བྱས་རྗེས་ངེས་པར་དུ་ཁྲལ་དོན་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་གྲོན་དངུལ་འཇལ་དགོས་པས་སྐད་འཕྲིན་དང་།ཀྲི་ཧྥུ་པའོ།  ཁྲལ་དོན་ཅུད་སོགས་ནས་གྲོན་དངུལ་འཇལ་ཆོག མུ་མཐུད་འའགན་བཅོལ་ནང་ཞུགས་མཁན་ཡིན་ཚེ་ཐད་ཀར་སྐད་འཕྲིན་དང་།ཀྲི་ཧྥུ་པའོ།   ཁྲལ་དོན་ཅུད་སོགས་ནས་གྲོན་དངུལ་འཇལ་ཆོག་གི་ཡོད་པ་རེད།

གསུམ།དོན་ཚན་གཞན་དག

1བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་རང་སྐྱོང་ལྗོངས་རིམ་པས་གཅིག་གྱུར་འཆར་འགོད་ལག་བསྟར་ཇུས་གཞིབོད་སྲིད་སྤེལ2023ཨང་13གཞིར་བཟུང་།སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་བསྟུད་མར་ལོ་10དང་ལོ་10ཡན་གྲོན་དངུལ་འཇལ་ཡོད་ཚེ། ལོ་དེ་རང་ནས་བཟུང་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་ཐོབ་ཐང་དེ་སོ་སོས་གྲོན་དངུལ་འཇལ་བའི་གདང་རིམ་གྱི་ཐོབ་ཐང་གི་རྨང་གཞིའི་ཐོག་3%མཐོ་རུ་བཏང་ཡོད།

2དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་དང་།རིམ་པ་དང་པོ་དང་གཉིས་པའི་དབང་པོ་སྐྱོན་ཅན་ཚབས་ཆེན།དྭ་ཕྲུག་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ཚུད་ལོ་ཧྲིལ་པོ་60ལ་སླེབས་པའི་བུད་མེད་དང་ལོ་ཧྲིལ་པོ་65ལ་སླེབས་པའི་སྐྱེས་པ།རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲྭ་བཙུན་བཅས་ལ་ནོར་སྲིད་དང་སྨན་བཅོས་རོགས་སྐྱོབ་ཐེབས་རྩ་ནས་གྲོན་དངུལ་འཇལ་བས་མི་སྒེར་གྱིས་གྲོན་དངུལ་འཇལ་མི་དགོས།

གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ནས།

2023ལོའི་ཟླ་10ཚེས་7ཉིན།


免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

评论 (2)

苏州市民2026-03-18 15:30

非常实用的信息,感谢分享!

科技爱好者2026-03-18 14:20

这篇文章写得很详细,有帮助!