📍 日喀则市
交通政府类-交通

关于规范涉路施工活动、依法办理许可手续的通告

2026/04/13 3.3k 阅读 426 点赞

关于规范涉路施工活动、依法办理许可手续的通告

  • 来源:日喀则市交通运输局(执法队)
  • 浏览人数:0
  • 日期:2026-04-13

各乡社区、村居,广大市民群众:

为切实保障公路完好、安全和畅通,维护良好的路域环境,根据《中华人民共和国公路法》、《公路安全保护条例》等法律法规规定,现就辖区内在公路上进行涉路施工活动的相关要求通告如下:

一、 需办理许可的涉路施工活动范围

根据《公路安全保护条例》第二十七条之规定,任何单位或个人因工程建设需要,在公路用地范围内或公路建筑控制区内开展影响公路完好、安全与畅通的以下施工作业活动,必须事先向交通运输主管部门提出申请并办理行政许可手续(其中,国省道相关申请需提交至交通运输厅养护处,县乡村道路相关申请需提交至桑珠孜区交通运输局)。

1. 因修建铁路、机场、供电、水利、通信等建设工程需要占用、挖掘公路、公路用地或者使公路改线的;

2. 跨越、穿越公路修建桥梁、渡槽或者架设、埋设管道、电缆等设施的;

3. 在公路用地范围内架设、埋设管道、电缆等设施的;

4. 利用公路桥梁、公路隧道、涵洞铺设电缆等设施的;

5. 利用跨越公路的设施悬挂非公路标志的;

6. 在公路上增设或者改造平面交叉道口的;

7. 在公路建筑控制区内埋设管道、电缆等设施的。

二、 禁止行为

未经交通运输主管部门批准,任何单位或个人不得实施下列行为:

1. 擅自占用、挖掘公路、公路用地或者使公路改线;

2. 擅自在公路用地范围内或公路建筑控制区内架设、埋设管线、电缆等设施;

3. 擅自在公路上增设、改造平面交叉道口或者封闭公路开口;

4. 在公路桥梁、公路隧道、公路渡口周围200米范围内,以及公路两侧一定距离内,从事采矿、采石、取土、爆破作业等危及公路、公路桥梁、公路隧道、公路渡口安全的作业;

5. 在公路桥梁跨越的河道上下游各500米范围内擅自进行疏浚作业、抽取地下水、设置浮吊建设房屋等设施;

6. 利用公路桥梁进行牵拉、吊装等危及公路桥梁安全的施工作业;

7. 损坏、擅自移动、涂改公路附属设施(包括公路标志、标线、护栏、监控设备等);

8. 其他法律法规明确禁止的涉路施工行为。

三、 办理要求

凡涉及本通告所列涉路施工活动的,建设单位或个人应携带相关申请材料(包括但不限于:申请书、符合有关技术标准规范要求的设计施工方案、保障公路及其附属设施质量和安全的技术评价报告、处置施工险情和意外事故的应急方案等),其中涉及国省道的,需前往拉萨市城关区罗布林卡路10号(西藏自治区交通运输厅)办理许可审批手续;涉及县乡村道路的,需前往日喀则市吉林南路与大庆路交叉口东侧(桑珠孜区人民政府交运局)办理许可审批手续。经审查批准后,方可按照规定进行施工作业。

四、 法律责任

1. 违法施工责任对未经许可,擅自在公路用地范围内或公路建筑控制区内进行涉路施工活动,或者实施本通告所列禁止行为的,日喀则市交通运输局(执法队)将依据《中华人民共和国公路法》第七十六条、第八十条,《公路安全保护条例》第五十六条、第六十二条等规定,责令停止违法行为,并处以罚款。造成公路损坏、污染或影响公路畅通的,还需依法承担相应的赔偿责任。

2. 安全事故责任因擅自施工或违反禁止行为导致发生安全事故(包括但不限于公路损毁、交通中断、人员伤亡、车辆受损等),当事人除依法承担行政处罚和民事赔偿责任外,构成犯罪的,将依法移送司法机关追究刑事责任。当事人需自行承担事故造成的全部损失及由此引发的一切法律后果。

3. 妨碍执法责任对拒不停止违法行为,阻碍执法人员依法执行公务的,将依法移送公安机关处理。

五、 监督举报

请各乡社区、村居积极配合做好宣传工作,引导广大群众自觉遵守公路管理法律法规。欢迎社会各界和广大市民对发现的违法涉路施工行为进行监督举报。

举报电话:0892-12328

特此通告。

日喀则市交通运输局执法队

2026年4月14 日



གཞུང་ལམ་ཨར་སྐྲུན་དང་འབྲེལ་ཡོད་ལས་དོན་ཚད་ལྡན་དུ་བཏང་སྟེ་ཁྲིམས་བཞིན་ལས་གཉེར་ཆོག་འཁྲོལ་འགྲོ་ལུགས་གཉེར་རྒྱུའི་སྐོར་གྱི་གསལ་བརྡ།

ཤང་(སྡེ་ཁུལ)དང་གྲོང་ཚོ་ཁག་དང་རྒྱ་ཆེའི་གྲོང་མི་རྣམ་པ

གཞུང་ལམ་སྐྱོན་བྲལ་དང་། བདེ་འཇགས། ཤར་གཏོང་བཅས་ཡོང་བ་འགན་ལེན་ཏན་ཏིག་བྱས་ནས་བགྲོད་ལམ་གྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱ་ཆེདཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམསདང་གཞུང་ལམ་གྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ད་ལྟ་ས་ཁོངས་ཀྱི་གཞུང་ལམ་དུ་གཞུང་ལམ་ཨར་སྐྲུན་དང་འབྲེལ་བ་ཡོད་པའི་ལས་དོན་སྐོར་གྱི་འབྲེལ་ཡོད་བླང་བྱ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

གཅིག ལས་གཉེར་འགྲོ་ལུགས་གཉེར་དགོས་པའི་གཞུང་ལམ་ཨར་སྐྲུན་དང་འབྲེལ་བ་ཡོད་པའི་ལས་ཀའི་ཁྱབ་ཁོངས།

གཞུང་ལམ་གྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིགགི་དོན་ཚན་ཉེར་བདུན་པའི་གཏན་འབེབས་གཞིར་བཟུང་། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ལས་གྲྭ་འཛུགས་སྐྲུན་དགོས་མཁོའི་དབང་གིས་གཞུང་ལམ་གྱི་ས་ཁོངས་སམ་གཞུང་ལམ་བཟོ་སྐྲུན་བཀག་སྡོམ་ཁུལ་དུ་གཞུང་ལམ་སྐྱོན་བྲལ་དང་། བདེ་འཇགས། ཤར་གཏོང་བཅས་ལ་ཤུགས་རྐྱེན་བཟོ་བའི་གཤམ་གསལ་གྱི་ཨར་སྐྲུནལས་སྒྲུབ་སྤེལ་ཚེ།ངེས་པར་དུ་སྔོན་ལ་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་ལ་རེ་ཞུ་འབུལ་དགོས་པ་མ་ཟད་སྲིད་འཛིན་བཀའ་འཁྲོལ་འགྲོ་ལུགས་གཉེར་དགོས། (དེའི་ནང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨར་སྐྲུན་གྱི་འབྲེལ་ཡོད་ཞུ་ཡིག་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་བདག་སྐྱོང་ཁྲུའུ་ལ་འབུལ་དགོས་པ་དང་།རྫོང་དང་། ཤང་། གྲོང་ཚོ་རིམ་པའི་གཞུང་ལམ་ཨར་སྐྲུན་གྱི་འབྲེལ་ཡོད་ཞུ་ཡིག་དེ་བསམ་གྲུབ་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ལ་འབུལ་དགོས)

1.ལྕགས་ལམ་དང་། གནམ་ཐང་། གློག་འདོན། ཆུ་བེད། འཕྲིན་གཏོང་སོགས་འཛུགས་སྐྲུན་ལས་གྲྭའི་དགོས་མཁོའི་དབང་གིས་གཞུང་ལམ་གྱི་ས་ཆ་བདག་བཟུང་དང་སྔོག་འདོན་བྱེད་པའམ་གཞུང་ལམ་གྱི་ལམ་ཐིག་སྒྱུར་བཟོ་བྱེད་པའི་རིགས

2.གཞུང་ལམ་བརྒལ་ནས་ཟམ་པ་སྐྲུན་པ་དང་། ཆུ་འདྲེན་སྦུག་ལམ་དང་མདོང་ལམ། གློག་སྐུད་སོགས་ས་འོག་ཏུ་སྦས་ཏེ་སྒྲིག་སྦྱོར་བྱེད་པའི་རིགས

3.གཞུང་ལམ་གྱི་ས་ཁོངས་སུ་མདོང་ལམ་དང་གློག་སྐུད་སོགས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་དང་ས་འོག་ཏུ་སྦས་ཏེ་སྒྲིག་སྦྱོར་བྱེད་པའི་རིགས

4.གཞུང་ལམ་གྱི་ཟམ་པ་དང་། ཕུག་ལམ། ཟམ་སྦུག་སོགས་བེད་སྤྱད་ནས་གློག་སྐུད་ཁྲིད་པའི་རིགས

5.གཞུང་ལམ་གྱི་སྒྲིག་བཀོད་བེད་སྤྱད་ནས་གཞུང་ལམ་གྱི་མཚོན་རྟགས་མིན་པ་བཀལ་བའི་རིགས

6.གཞུང་ལམ་ཐོག་ལམ་མདོ་ཁ་གསར་སྣོན་བྱེད་པའམ་སྒྱུར་བཟོབྱེད་པའི་རིགས

7.གཞུང་ལམ་གྱི་འཛུགས་སྐྲུན་བཀག་སྡོམ་ཁུལ་དུ་མདོང་ལམ་དང་གློག་སྐུད་སོགས་ཀྱི་སྒྲིག་བཀོད་ས་འོག་ཏུ་སྦས་ཏེ་སྒྲིག་སྦྱོར་བྱེད་པའི་རིགས་བཅས་ཚུད་ཡོད

གཉིས། བཀག་སྡོམ་བྱ་རྒྱུའི་བྱ་སྤྱོད།

འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་གཤམ་གསལ་གྱི་བྱ་སྤྱོད་ཁག་སྤེལ་མི་ཆོག་པ་སྟེ།

1.རང་དགར་གཞུང་ལམ་དང་གཞུང་ལམ་ས་ཆ་བདག་བཟུང་དང་སྔོག་འདོན་བྱེད་པའམ་གཞུང་ལམ་གྱི་ལམ་ཐིག་སྒྱུར་བཟོ་བྱེད་པའི་རིགས

2.རང་དགར་གཞུང་ལམ་ས་ཁོངས་སམ་གཞུང་ལམ་འཛུགས་སྐྲུན་བཀག་སྡོམ་ཁུལ་དུ་མདོང་ལམ་དང་གློག་སྐུད་སོགས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་དང་ས་འོག་ཏུ་སྦས་ཏེ་སྒྲིག་སྦྱོར་བྱེད་པའི་རིགས

3.རང་དགར་གཞུང་ལམ་ཐོག་ལམ་མདོ་ཁ་གསར་སྣོན་དང་སྒྱུར་བཟོ་བྱེད་པའམ་གཞུང་ལམ་གྱི་འཛུལ་སྒོ་བཀག་པའི་རིགས

4.གཞུང་ལམ་གྱི་ཟམ་པ་དང་།ཕུག་ལམ། མ་སྣེ་བཅས་ཀྱི་ཉེ་འཁོར་ནས་རྨིད་200ཡི་་ཁོངས་དང་དེ་བཞིན་གཞུང་ལམ་གཞོགས་གཉིས་ཀྱི་བར་ཐག་ངེས་ཅན་ནང་གཏེར་ཁ་སྔོག་འདོན་དང་། རྡོ་འདོན་པ། ས་ལེན་པ། འབར་གས་ལས་སྒྲུབ་སོགསགཞུང་ལམ་དང་། གཞུང་ལམ་གྱི་ཟམ་པཕུག་ལམ། ལམ་སྣེ་བཅས་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ལས་སྒྲུབ་ཀྱི་རིགས

5.གཞུང་ལམ་གྱི་ཟམ་འོག་ནསརྒྱུག་ཆུའི་རྨིད་500ཡི་་ཁོངས་ནང་རང་དགར་ཆུ་ལམ་གཤོང་བའི་ལས་སྒྲུབ་དང་། ས་འོག་ཆུ་འཐེན་པ། ལྗིད་འདེགས་དངོས་པོ་འཛུགས་པ། ཁང་པ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རིགས

6.གཞུང་ལམ་གྱི་ཟམ་པར་བརྟེན་ནས་འཐེན་ཁྲིད་དང་འདེགས་བླུགསབྱེད་པ་སོགསགཞུང་ལམ་ཀྱི་ཟམ་པའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་རིགས

7.གཞུང་ལམ་གྱི་ཞོར་གཏོགས་སྒྲིག་བཀོད(གཞུང་ལམ་གྱི་མཚོན་རྟགས་དང་། ཐིག་རྟགས། ལྕགས་ཁྲལྟ་སྡོམ་སྒྲིག་ཆས་སོགས་ཚུད)གཏོར་སྐྱོན་གཏོང་བ་དང་། རང་དགར་སྤོ་བསུབ་བཅོས་བཅས་བྱེད་པའི་རིགས

8.བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་གཞུང་ལམ་ཨར་སྐྲུན་དང་འབྲེལ་བ་ཡོད་པའི་དེ་མིན་གྱི་བྱ་སྤྱོད་རིགས

གསུམ། འགྲོ་ལུགས་གཉེརབའི་བླང་བྱ།

བརྡ་ཁྱབ་འདིར་བཀོད་པའི་གཞུང་ལམ་ཨར་སྐྲུན་དང་འབྲེལ་བ་ཡོད་ཕྱིན།འཛུགས་སྐྲུན་ཚན་པའམ་མི་སྒེར་གྱིས་འབྲེལ་ཡོད་རེ་ཞུའི་དཔྱད་ཡིགའཁྱེར་དགོས་ཤིང་དེའི་ནང་རེ་འདུན་ཞུ་ཡིག་དང་། འབྲེལ་ཡོད་ལག་རྩལ་ཚད་གཞི་དང་ཚད་ལྡན་གྱི་བླང་བྱ་དང་མཐུན་པའི་ཇུས་འགོད་དང་ཨར་སྐྲུན་ཇུས་གཞི།གཞུང་ལམ་དང་དེའི་ཞོར་གཏོགས་སྒྲིག་བཀོད་ཀྱི་སྤུས་ཚད་དང་བདེ་འཇགས་འགན་སྲུང་བྱེད་པའི་ལག་རྩལ་གི་གདེང་འཇོག་སྙན་ཞུ། ཨར་སྐྲུན་ཉེན་ཁའི་གནས་ཚུལ་དང་གློ་བུར་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་འཕྲལ་སྡོམ་བྱ་ཐབས་སོགས་ཚུད)དེའི་ནང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་འབྲེལ་བ་ཡོད་ཚེལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་བུ་གླིང་ཁ་ལམ་སྒོ་རྟགས་10པ་(བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་)ལ་ལས་གཉེར་གྱི་ཞིབ་མཆན་འགྲོ་ལུགས་གཉེར་བར་བསྐྱོད་དགོས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འགྲོ་ལམ་དང་འབྲེལ་བ་ཡོད་ཚེ་གཞིས་ཀ་རྩེ་གྲོང་ཁྱེར་ཅི་ལིན་ལྷོ་ལམ་དང་ཏ་ཆིང་ལམ་གྱི་ལམ་མདོ་ཁའི་ཤར་ངོས(བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ)སུ་བསྐྱོད་ནས་ལས་གཉེར་ཆོག་འཁྲོལ་གྱི་ཞིབ་མཆན་འགྲོ་ལུགས་གཉེར་དགོས།ཞིབ་བཤེར་བྱས་ཏེ་ཆོག་མཆན་ཐོབ་རྗེས་གཞི་ནས་གཏན་འབེབས་ལྟར་ཨར་སྐྲུན་བྱེད་ཆོག

བཞི། བཅའ་ཁྲིམས་ཀྱི་འགན་འཁྲི།

1.ཁྲིམས་འགལ་གྱི་ཨར་སྐྲུན་འགན་འཁྲིའི་ཐདཆོག་མཆན་མ་ཐོབ་པར་རང་དགར་གཞུང་ལམ་ས་ཁོངས་དང་གཞུང་ལམ་ཨར་སྐྲུན་བཀག་སྡོམ་ཁུལ་དུ་གཞུང་ལམ་དང་འབྲེལ་བ་ཡོད་པའི་ཨར་སྐྲུནབྱས་པའམ་གསལ་བརྡ་འདིའི་ནང་བཀོད་པའི་བཀག་སྡོམ་གྱི་བྱ་སྤྱོད་རིགས་སྤེལ་ཚེགཞིས་ཀ་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ(ཁྲིམས་འཛིན་རུ་ཁ)ཀྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམཀྱི་དོན་ཚན་དོན་དྲུག་པ་དང་བརྒྱད་ཅུ་པ་དང་དེ་བཞིནགཞུང་ལམ་གྱི་བདེ་འཇགས་སྲུང་སྐྱོང་སྲོལ་ཡིགགི་དོན་ཚན་ང་དྲུག་པ་དང་དོན་ཚན་རེ་གཉིས་པ་སོགས་ཀྱི་གཏན་འབེབས་གཞིར་བཟུང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་རྒྱུ་དང་དངུལ་ཆད་ཀྱང་གཅོད་རྒྱུ།གཞུང་ལམ་ལ་གཏོར་སྐྱོན་བཏང་བ་དང་སྦགས་བཙོག་བཟོས་པའམ་གཞུང་ལམ་ཤར་གཏོང་ཡོང་བརཤུགས་རྐྱེན་བཟོས་ཚེཁྲིམས་ལྟར་གུན་གསབ་འཇལ་རྒྱུའི་འགན་འཁྲི་འཁུར་དགོས།

2.བདེ་འཇགས་ལས་འཇོལ་གྱི་འགན་འཁྲིའི་ཐདརང་དགར་ཨར་སྐྲུནབྱས་པའམ་བཀག་སྡོམ་གྱི་བྱ་སྤྱོད་དང་འགལ་ནས་བདེ་འཇགས་ཀྱི་ལས་འཛོལ(དེའི་ནང་གཞུང་ལམ་གཏོར་སྐྱོན་དང་། འགྲིམ་འགྲུལ་བར་མཚམས་ཆད་པ། མི་སྣ་ཤི་རྨས། རླངས་འཁོར་ལ་གཏོར་སྐྱོན་ཕོག་པ་སོགས་ཚུད)ཐོན་ཚེདོ་བདག་གིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་དང་དམངས་དོན་གུན་གསབ་ཀྱི་འགན་འཁྲི་འཁུར་དགོས་པ་ཕུད། ཉེས་གསོག་ཏུ་གྲུབ་ཚེཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྩིས་སྤྲོད་བྱ་རྒྱུདོ་བདག་གིས་རང་འགུལ་ངང་ལས་འཇོལ་ལས་བྱུང་བའི་གྱོང་གུན་ཡོངས་རྫོགས་དང་དེ་ལས་བྱུང་བའི་ཁྲིམས་ལུགས་ཀྱི་མཇུག་འབྲས་ཚང་མ་འགན་འཁུར་དགོས།

3.ཁྲིམས་སྒྱུར་ལ་འགོག་རྐྱེན་བཟོ་བའི་འགན་འཁྲིའི་ཐདཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་མི་འཇོག་པ་དང་། ཁྲིམས་འཛིན་མི་སྣ་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་བྱས་ཚེ། སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ

ལྔ། ལྟ་སྐུལ་དང་ཐེར་འདོན།

ཤང་(སྡེ་ཁུལ)དང་གྲོང་ལྷན་ཁག་གིས་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་ཡག་པོ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་གཞུང་ལམ་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས།སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མི་རྣམ་པས་ཁྲིམས་འགལ་གྱི་གཞུང་ལམ་ཨར་སྐྲུན་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ལྟ་སྐུལ་དང་ཐེར་འདོན་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཐེར་འདོན་ཁ་པར།  0892-12328

དེ་དོན་དམིགས་སུ་བརྡ་ཁྱབ་སྤེལ

གཞིས་ཀ་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ(ཁྲིམས་འཛིན་རུ་ཁགནས།

2026ལོའི་ཟླ་4ཚེས14།




免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

评论 (2)

苏州市民2026-03-18 15:30

非常实用的信息,感谢分享!

科技爱好者2026-03-18 14:20

这篇文章写得很详细,有帮助!